Search This Blog

Showing posts with label Blue Cliff Record. Show all posts
Showing posts with label Blue Cliff Record. Show all posts

Saturday, June 29, 2024

Fly Away, Koan 53, Blue Cliff Record

Case 53: Baizhang’s Wild Duck 


Great Master Ma and Baizhang were taking a walk when a wild duck flew by. 

“What is that?” asked the Master. 

 “A wild duck,” said Baizhang. 

 “Where did it go?” 

 “It flew away.“ The Master twisted Baizhang’s nose, and Baizhang cried out in pain. 

“Why, it didn’t fly away after all,“ said the Master. 


Wild Ducks


Why did it take a twinge of pain to wake me up?

The pain was real

Or at least I felt something

Asleep so comfortably, 

Mixed with dreams of geese (I transposed)

Flying away

Or landing

Or swimming in the reflecting pool in front of the Jefferson Memorial (I am dreaming)

They flew off course

Attracting crowds and iPhones clicking

As if to confirm Thomas’s 

Republican dreams.

.

Or did the somnambulist bump into a door

realizing the traffic just beyond

Might be real danger

Even being totally alert does not guarantee that I will survive


I feel as if sometimes I dance with your answers, Ma,

Was it a real question

Or just words, they are just words,

Sounds connected with a dream or twinge of pain


Master Ma talks as if there were a sequence of events

Let me correct him.

That has meaning.--flying, landing, then flying away

There is no causal sequence of events in dreams

They have no existence


Dream on.’

Listen to Keith Jarrett

He gets the dreaming sequence right

Mysteriously connected

Without pain.


Friday, December 13, 2019

བྱང་ཆུབ་ཆོས་ཀྱི་གསུང།, The Blue Cliff Record, Cases 1, 2, 3, and 4 in Tibetan

                                                       བྱང་ཆུབ་ཆོས་ཀྱི་གསུང།



སྐབས་དང་པོ།

                                                                  ཟབ་པ་དང་རྒྱ་ཆེའི་རྣམ་གཞག།

དུ་བའི་རྟགས་ལ་བརྟེན་ནས་ལ་ཕར་རི་ལ་མེ་ཡོད་པ་དང་།    བ་གླང་རྭ་ཕྱོགས་གཅིག་མཐོང་ན་ཕྱོགས་གཞན་ཡོད་པ་དང་། ཟུར་གསུམ་ཡོད་པ་རྟོགས་པའི་དུས་ན་ཟུར་གཅིག་ཡོད་པ་རྟོགས་ནུས།
བཏེགས་པའི་ནུས་པ་ལ་བརྟན་ནི་དངོས་པོ་དེའི་ཡང་ལྗིད་སོགས་རྟོགས་ཐུབ།རྒྱུ་མཚན་ལྡན་པའི་རིག་པའི་ལམ་ནས་གཏན་ལ་ཕབས་པ་འདི་གོས་ཧྲོལ་པོ་གྱོན་པའི་གྲྭ་པ་དཀྱུས་མ་ཞིག་གི་ཉིན་རེའི་འཚོ་པའི་ཟ་འཐུང་ཡིན།     དེ་ནི་རྣམ་རྟོག་གི་རྦ་ལོང་འཁྲུག་ཞིང་སྐྱེ་འཆི་འཁོར་ལོ་འཁོར་པས་རྒྱུ་རྐྱེན་དུ་མ་ལས་གྲུབ་པའི་འདུ་བྱེད་ཀྱི་དངོས་པོ་འདི་དག་ནི་འགའ་འདུས་ཀྱི་ཕྱོགས་ཀུན་ཏུ་བསྐོར་པས།         མ་རིག་པ་སྤང་ཞིང་ཡང་དག་པའི་་གནས་ལུགས་ལ་བརྩོན།   དེ་ཕྱོགས་མཚུངས་དྲི་བ་ཞིག་སུའི་ཚེ་སྲོག་དང་
སུའི་བྱ་སྤྱོད། དེ་ཕྱིར་གནས་ལུགས་ལ་དཔྱོད་པ་བཙུན་པ་Setcho’s རྨོངས་པའི་དྲྭ་བ་ནང་དུ་བཅུད།

གོང་མ་ཆེན་མོ་བཙུན་པ་བྱང་ཆུབ་ཆོས་ལ་དྲིས་པ། ཡང་དག་པའི་གནས་ལུགས་དང་བདེན་པའི་དོན་ཇི་ལྟར་ཡིན།   བཙུན་པ་བྱང་ཆུབ་ཆོས་ཀྱི་ལན་དུ་ཟབ་པ་དང་རྒྱ་ཆེ་ཉིད་ཡིན་དེ་ལས་ལྷག་པའི་གནས་ལུགས་མེད་གསུངས། གོང་མ་ཆེན་མོའི། ཁྱོད་སུ་ཡིན་ཞེས་དྲིས། བྱང་ཆུབ་ཆོས་ཀྱི། ང་སུ་ཡིན་མི་ཤེས་ཞེས་ལན་སྤྲད། གོང་མ་ཆེན་མོའི་གོ་བ་མ་ལོན།
བཙུན་པ་བྱང་ཆུབ་ཆོས་ཡང་རྩེ་གཙང་པོ་བརྒལ་ཏེ་GI རྒྱལ་ས་འབྱོར་པ་རེད།     
ཅུང་ཙམ་རྗེས་ལ་གོང་མ་ཆེན་མོ་ཞབས་ཕྱི་SHIKO བྱང་ཆུབ་ཆོས་བསྐོར་དྲིས་པ། SHIKO མི་རྗེ་རིན་པོ་ཆེ་ཁྱེད་ཀྱི་ཁོང་སུ་ཡིན་པ་མཁྱེན་ལགས་སམ་ཞུས་པས།  གོང་མ་ཆེན་མོའི་གསུངས་ལན་དུ།       ངའི་མི་ཤེས་སོ། ཡང་SHIKO ཞུས་པ་ཁོང་ནི་སངས་རྒྱས་དང་ཐུགས་དབྱེར་མེད་དུ་འདྲེས་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རེད་བཤད།
གོང་མ་ཆེན་མོ་འགྱོད་པ་རབ་ཏུ་སྐྱེས་ཏེ་ང་ག་རེ་བྱེས་པ་རེད། མྱུར་དུ་བང་མི་བཏང་ཏེ་བཙུན་པ་བྱང་ཆུབ་ཆོས་གདན་འདྲེན་ཞུས་ཞིག་ཞེས་བཀའ་ཕབས།
SHIKOགྱི་ཞུས་པ་མི་རྗེ་གོང་མ་རིན་པོ་ཆེ་ལགས།      བང་མི་བཏང་ཏེ་ཁོང་གདན་འདྲེན་ཞུས་མི་ཐུབ།          དེ་བཞིན་ཡུལ་མི་ཚང་མའི་ཞུས་ཀྱང་ཁོང་ཕྱིར་ལོགས་ཕེབས་མི་སྲིད།

ཚིགས་བཅད།
ཟབ་པ་རྒྱ་ཆེ་བདེན་པའི་གནས་ལུགས་ཡིན། །
རྣམ་འབྱེད་བློ་ཡི་བདག་ཉིད་ཇི་ལྟར་རྟོགས།

ཞེས་བཙུན་པ་བྱང་ཆུབ་ཆོས་ཀྱི་གསུངས་པའི་གོང་མ་ཆེ་མོ་ཁྱོད་སུ་ཞེས་དྲིས། ཁོང་གི་ལན།ང་སུ་ཡིན་མི་ཤེས་གསུངས།
དེ་མ་ཐག་ཏུ་ཁོང་ཁུམ་སེམ་མེར་ཡང་རྩེ་གཙང་པོ་ང་བརྒལ་ཏེ་ཕྱིན་སོང་།   ཚེར་ཤིང་སྐྱེས་ནི་ཚེར་མའི་སྡོང་བུ་ཇི་ལྟར་སྟོང་།  དེ་ཕྱོགས་མཚུངས་ས་གཞི་ཐོག་གི་འགྲོ་བ་མི་ཡོད་དོ་ཅོག་ཁོང་གི་རྗེས་སུ་ཕྱིན་ཀྱང་ཁོང་ཕྱིར་ཕེབས་མི་འོངས།       ཁྱོད་ཀྱི་ཁོང་གི་རྗེས་སུ་ལོ་ངོ་སྟོང་ཕྲག་དང་སྟོང་བཅུ་སོགས་ཕྱིར་ཕེབས་རྒྱུ་འདུན་པ་སྐྱེས་ཀྱང་རེ་བ་སྟོང་ཟད་དུ་གྱུར་པའི་འདུན་པ་བློ་ཐོང་ཞིག་ཞུས།  ས་གཞི་མཁའ་རླུང་གཙང་མའི་ཚད་ཅན་གྲུབ་པའི་བསྐོར་བ་རེས་མོས་བྱེད་ན་རྒྱབ། གཡན་གཡོན་མཐའ་བསྐོར་ཀུན་ཏུ་བལྟ་པའི་འདི་ནི་དམ་ཆོས་ཐོག་མར་དར་པའི་བྱེད་པོ་ཡིན།  དགེ་བའི་བཤེས་གཉེན་གྱི་གསུངས་པ་རེད་ཞེས།  ཁོང་རང་ཉིད་ཀྱི་རང་ཉིད་ལ་སྤྲད། ཁོང་འདིར་གདན་དྲོངས་ཤིག། ངའི་ཁོང་དགེ་སློང་དེའི་ཞབས་སེལ་ཆོག།

སྤྱི་ལོ་༢༠༡༩ཕྱི་ཟླ་༤ཚེས་༢༧སྔ་དྲོ་ཞི་བདེ་ཇ་ཁང་ནང་དུ་བྲིས།

ངོ་སྤྲོད།
ལྷ་ཡུལ་དང་གོ་ལ་ཆུང་ཆུང་རེད་ལ། ཉི་མ་དང་ཟླ་བ་སྐར་མ་ཚང་མ་ནུབ་ཞིང་སྐད་ཅིག་ཉིད་མུན་ནག་ཏུ་གྱུར།
རྒྱུག་བརྡུང་གི་ཚག་སྒྲ་ནི་ཆར་རླུང་དང་འབྲུག་སྒྲ་བཞིན་རེད། ཁྱེད་རང་གི་ད་དུ་གཞི་ཡི་ལམ་ཡང་དག་པའི་ཉམས་སུ་མ་བླངས། རྫོགས་པའི་སངས་རྒྱས་ཚང་མའི་ཡང་གནས་ལུགས་སོ་སོ་རྟོགས།   འདས་ཟིན་པའི་མེས་པོ་དམ་པའི་རྒྱུད་པ་ཆ་ཚང་རྟོགས་མི་ཐུབ།སྡེ་སྣོད་བསླབ་པའི་རིམ་པ་ཚང་མ་འདིར་བཤད་མི་ནུས། རིགས་ལམ་རྒོད་པའི་སློབ་ཕྲུག་ཚོའི་སོ་སོར་གཅེས་འཛིན་གྱི་བློ་ཐམས་ཅད་ལས་རྣམ་པར་རྒྱལ་མི་ནུས།
ཁྱེད་ཀྱི་རྟོགས་པ་མངོན་དུ་གྱུར་ན།་
དྲི་བ་ཡི་ལམ་ན་རྒྱས་པར་འགྲེལ་ཆོག་གམ།  ཚིག་གི་བཤད་པའི་སངས་རྒྱས། མི་གཙང་པའི་འདམ་དང་ཞག་ཐིགས་ཅན་ཆུ་རེད་ཞེས་འགྲེལ་ན།ZEN ཀྱི་རྗེས་འབྲང་ཚང་མ་ངོ་ཚ་པོ་ཞི་དྲགས་རེད། རྣལ་འབྱོར་པ་རྣམས་ཀྱི་ཡུན་རིང་པོ་ནི་གཉིས་འཛིན་གྱི་རྭ་བ་ལས་འདས་པའི་ཚིག་གི་མཐའ་ལས་འདས།
ལས་དང་པོའི་དཀྱུས་མའི་ཐབས་ལམ་གྱི་སྒོ་ནས་ངེས་པར་བརྟགས་ཤིང་དཔྱད་པའི་ལམ་ནསགནས་ལུགས་དེ་རྟོགས་དགོས།

སྐབས་གཉིས་པ།

CHAO-CHAO དགེ་རྒན་ཅོར་ཅོར་གྱི་ཚོགས་མང་ལ་གསུངས་པ་རེད། ཐེག་ཆེན་ལམ་དེ་དཀའ་ལས་ཁག་པོ་མ་རེད། སྤོང་ལེན་གཉིས་ལ་འདས་དགོས།         དེ་བཞིན་དུ་ཚིག་གི་བརྗོད་པ་ནི་སྤང་བླང་རེད། གཉིས་འཛིན་གྱི་བློ་འདས་པ་དེ་སངས་རྒྱས་ཀྱི་གོ་འཕངས་རེད། ང་ལ་མཚོན་ན་སངས་རྒྱས་གོ་འཕངས་ཐོབ་མེད། ད་དུང་ཡུལ་ལ་ཡོད་མེད་ཀྱི་འཛིན་སྟངས་ཡོད།
དེ་མ་ཐག་ཏུ་སློབ་ཕྲུག་ཞིག་ཁྱེད་རང་གི་སངས་རྒྱས་ཀྱི་གོ་འཕངས་ཞེན་པ་ཅི་ཕྱིར་མ་སྐྱེས་སམ། དགེ་རྒན་CHOA་CHOA]ཅོར་ཅོར་གྱི་ལན་དུ། ངའི་ཀྱང་ཧ་མི་གོ། སློབ་ཕྲུག་གི་སྨྲས། དགེ་རྒན་ལགས་ཁྱོད་རང་མི་ཤེས་ན་ཡང་རྒྱུ་མཚན་ཅི་ཕྱིར་ཁྱོད་རང་གི་སངས་རྒྱས་གོ་འཕངས་ལ་མི་ཞེན་པར་མི་རུང་བཤད་དམ། དགེ་རྒན་གྱི་ལན་དུ།དྲི་བ་དེ་ཙམ་འགྲེགས་སོང་། མགོ་སྒུར་དེ་ཕྱི་ལོག་སོང་བཤད།

སྐབས་གསུམ་པ།
དགེ་པའི་བཤེས་གཉེན་ཆེན་མོ་[MA]སྐུ་ཁམས་བདེ་པོ་མེད་པར་རེད། དགོན་པའི་ལྟ་རྟོག་པས་སྐད་ཆ་དྲིས་པ།  

ཉེར་བཅར་གྱི་ཉི་མ་དེ་ཚོ་ནང་ཁྱེད་གཟུགས་ཁམས་བདེ་ཐང་ཡིན་ནམྲ
དགེ་པའི་བཤེས་གཉེན་ཆེན་མོ་[MA]མ་ཡི་ལན་དུ།

ཉི་མ་སངས་རྒྱས་ཀྱི་ས་ཁ་ཕྱོགས།
ཟླ་བ་སངས་རྒྱས་ཀྱི་ས་ལ་ཁ་ཕྱོགས།
འདི་དགེ་རྒན་ཆེ་མོ་{KEE}་ལགས་ཀྱི་ཟུར་ཁྲིད་གནང་སྐབས་རང་ཉིད་ཀྱི་རང་སྦྱོང་གི་ཚུལ་དུ་བསྒྱུར་པ་ལས་ད་དུང་ཞིབ་བྲིས་དང་སྐྱར་བཅོས་གང་ཡང་བྱོན་མེད་པའི་གཟིགས་མཁན་པ་རྣམས་ཚོ་ཡོ་སྲང་ཡོད་པར་མཁྱེན།

མཁན་པོ་ཀུན་དགའ་གྲགས་པ་འམ་ངག་དབང་རྣམ་རྒྱལ་གྱི་སྤྱི་ལོ༢༠༡༩ཕྱི་ཟླ་༥ཚེས་༧ཉིན་བྲིས་